Monday, November 15, 2010

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས། ༣༽

   ཁག་གསུམ་པ། 
ས་བཅད་དྲུག་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས།
དོན་ཚན་བརྒྱ་དང་བཅུ་གཉིས།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ནི་རང་སྐྱོང་ལྗོངས་དང༌།རང་སྐྱོང་ཁུལ།རང་སྐྱོང་རྫོང་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་ཡིན།
དོན་ཚན་བརྒྱ་དང་བཅུ་གསུམ།རང་སྐྱོང་ལྗོངས་དང༌།རང་སྐྱོང་ཁུལ།རང་སྐྱོང་རྫོང་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ནང་དུ་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་མི་རིགས་ཀྱི་འཐུས་མི་དགོས་པ་ཕུད།སྲིད་འཛིན་ས་ཁོངས་དེར་གནས་སྡོད་བྱེད་པའི་མི་རིགས་གཞན་དག་ལའམ་རང་རང་གི་འཐུས་མིའི་ཁ་གྲངས་འོས་འཚམས་ཡོད་དགོས།
རང་སྐྱོང་ལྗོངས་དང༌།རང་སྐྱོང་ཁུལ།རང་སྐྱོང་རྫོང་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ནམ་ཀྲུའུ་རན་གཞོན་པའི་ནང་དུ་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་མི་རིགས་ཀྱི་སྤྱི་དམངས་ཡོད་དགོས།
དོན་ཚན་བརྒྱ་དང་བཅུ་བཞི། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང༌། རང་སྐྱོང་ཁུལ་གྱི་འགོ་འཛིན། རང་སྐྱོང་རྫོང་གི་རྫོང་དཔོན་བཅས་ཀྱི་འགན་དེ་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་མི་རིགས་དེའི་སྤྱི་དམངས་ཀྱིས་འཁུར་དགོས།
དོན་ཚན་བརྒྱ་དང་བཅོ་ལྔ།རང་སྐྱོང་ལྗོངས་དང༌།རང་སྐྱོང་ཁུལ།རང་སྐྱོང་རྫོང་བཅས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྩ་ཁྲིམས་ཀྱི་ལེའུ་གསུམ་པའི་ས་བཅད་ལྔ་བར་གཏན་ལ་ཕབ་པའི་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་ཀྱི་འགན་དབང་སྤྱོད་རྒྱུ་དང༌།དུས་མཚུངས་སུ་རྩ་ཁྲིམས་དང༌།མི་རིགས་ས་ཁོངས་ཀྱི་རང་སྐྱོང་བཅའ་ཁྲིམས།བཅའ་ཁྲིམས་གཞན་དག་བཅས་ཀྱིས་གཏན་ལ་ཕབ་པའི་དབང་ཚད་ལྟར་རང་སྐྱོང་དབང་ཆ་སྤྱོད་རྒྱུ་དང་ས་གནས་སོ་སོའི་གནས་ཚུལ་དངོས་ལ་གཞིགས་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་དགོས།
དོན་ཚན་བརྒྱ་དང་བཅུ་དྲུགམི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ལ་ས་གནས་དེ་གའི་མི་རིགས་ཀྱི་ཆབ་སྲིད་དང༌། དཔལ་འབྱོར།རིག་གནས་བཅས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་རང་སྐྱོང་ཁྲིམས་སྲོལ་དང་གཅིག་སྤྱོད་ཁྲིམས་སྲོལ་གཏན་ལ་འབེབས་པའི་དབང་ཆ་ཡོད།རང་སྐྱོང་ལྗོངས་ཀྱི་རང་སྐྱོང་ཁྲིམས་སྲོལ་དང་གཅིག་སྤྱོད་ཁྲིམས་སྲོལ་དེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་ཏེ་ཆོག་མཆན་ཐོབ་རྗེས་ནུས་པ་ཐོན་པ་དང་འབྲེལ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐོ་འགོད་སྙན་སེང་ཞུ་དགོས།
དོན་ཚན་བརྒྱ་དང་བཅུ་བདུན།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ལ་ས་གནས་ཀྱི་ནོར་སྲིད་བདག་གཉེར་བྱེད་པའི་རང་སྐྱོང་དབང་ཆ་ཡོད།རྒྱལ་ཁབ་ཀྱི་ནོར་སྲིད་སྒྲིག་སྲོལ ་ལྟར་མི་རིགས་རང་སྐྱོང་ས་གནས་ལ་དབང་བའི་ནོར་སྲིད་ཡོང་འབབ་ཡིན་ཕྱིན། དེ་དག ་ཚང་མ་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱི་རང་བདག་གི་སྒོ་ནས་བཀོད་སྒྲིག་བེད་སྤྱོད་བྱེད་ཆོག
དོན་ཚན་བརྒྱ་དང་བཅོ་བརྒྱད།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འཆར་གཞིའི་མཛུབ་ཁྲིད་འོགས་གནས་ཀྱི་རང་བཞིན་ལྡན་པའི་དཔལ་འབྱོར་འཛུགས་སྐྲུན་གྱི་བྱ་བཞག་ལ་རང་བདག ་གི་སྒོ་གནས་བཀོད་སྒྲིག་དང་དོ་དམ་བྱས་ཆོག
རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་སུ་ཐོན་སྒོ་འབྱེད་པ་དང་ཁེ་ལས་འཛུགས་སྐྲུན་བྱེད་སྐབས་མི་རིགས་རང་སྐྱོང་ས་གནས་ཀྱི་ཁེ་ཕན་ལ་ལྟ་རྟོག་བྱེད་དགོས།
དོན་ཚནབརྒྱ་དང་བཅུ་དགུམི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་སློབ་གསོ་དང༌།ཚན་རིགརིག་གནས།འཕྲོད་བསྟེན།ལུས་རྩལ་བཅས་ཀྱི་བྱ་བཞག་རྣམས་ལ་རང་བདག་སྒོ་ནས་དོ་དམ་བྱེད་པ་དང༌།མི་རིགས་ཀྱི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་དང་ལེགས་སྒྲིག་བྱས་ཏེ།མི་རིགས་ཀྱི་རིག་གནས་འཕེལ་རྒྱས་དང་ཕུན་སུམ་ཚོགས་པར་གཏོང་དགོས།
དོན་ཚན་བརྒྱ་དང་ཉི་ཤུ།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་གྱི་དམག་དོན་ལམ་ལུགས་དང་ས་གནས་དེ་གའི་དགོས་མཁོ་དངོས་ལ་གཞིགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་རྗེས་ས་གནས་དེ་གའི་སྤྱི་ཚོགས་བདེ་འཇགས་སྲུང་འཛིན་བྱེད་པའི་ སྤྱི་བདེའི་དམག་དཔུང་བཙུགས་ཆོག
དོན་ཚན་བརྒྱ་དང་ཉེར་གཅིགམི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས་མི་རིགས་རང་སྐྱོང་ས་གནས་དེའི་རང་སྐྱོང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་གཅིག་གམ་རིགས་ཁ་ཤས་སྤྱོད་དགོས།
དོན་ཚན་བརྒྱ་དང་ཉེར་གཉིས།རྒྱལ་ཁབ་ཀྱིས་ནོར་སྲིད་དང་དངོས་རྫས།ལག་རྩལ་སོགས་ཀྱི་ཐད་གྲངས་ཉུང་མི་རིགས་སོསོའི་དཔལ་འབྱོར་འཛུགས་སྐྲུན་དང་རིག་གནས་འཛུགས་སྐྲུན་གྱི་བྱ་བཞག་མགྱོགས་པོར་གོང་དུ་སྤེལ་རོགས་བྱེད་པ་ཡིན། རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་ལ་རོགས་རམ་བྱས་ཏེ་ས་གནས་དེ་གའི་མི་རིགས་ཀྱི་ནང་ནས་རིམ་པ་སོ་སོའི་ལས་བྱེད་པ་དང༌།ཆེད་ལས་ཡོན་ཏན་དང་ལག་རྩལ་བཟོ་པ་སྣ་ཚོགས་འབོར་ཆེན་ཞིག་གསོ་སྐྱོང་བྱེད་རྒྱུ།
ས་བཅད་བདུན་པ། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང༌།
དོན་ཚན་བརྒྱ་དང་ཉེར་གསུམ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཁྲིམས་ཁང་ནི་རྒྱལ་ཁབ་ཀྱི་འདྲི་གཅོད་ལས་ཁུངས་ཡིན།
དོན་ཚན་བརྒྱ་དང་ཉེར་བཞི།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆེས་མཐོ་བའི་མི་དམངས་ཁྲིམས་ཁང་དང་ས་གནས་རིམ་པ་ཁག་གི་མི་དམངས་ཁྲིམས་ཁང༌།དམག་དོན་ཁྲིམས་ཁང་སོགས་ཆེད་དམིགས་མི་དམངས་ཁྲིམས་ཁང་བཙུགས་པ།ཆེས་མཐོ་བའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་གྱི་སྐབས་རེའི་འགན་འཛིན་ཡུན་ཚད་དེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་རེའི་འགན་འཛིན་ཡུན་ཚད་དང་མཚུངས།ལས་འགན་བསྟུད་འཛིན་སྐབས་གཉིས་ལས་བརྒལ་མི་ཆོགམི་དམངས་ཁྲིམས་ཁང་གི་རྩ་འཛུགས་ནི་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས།
དོན་ཚན་བརྒྱ་དང་ཉེར་ལྔ།མི་དམངས་ཁྲིམས་ཁང་གིས་གྱོད་དོན་འདྲི་ཞིབ་བྱེད་དུས་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་དམིགས་བསལ་གནས་ཚུལ་ཡོད་པ་ཕུད།ཚང་མ་འདྲི་ཞིབ་ཡོངས་གྲགས་བྱེད་རྒྱུ། ཞུ་སྦྱོར་ཕྱི་མར་བཤེར་རྩོད་དག་འབུད་ཐོབ་པའི་ཁེ་དབང་ཡོད།
དོན་ཚན་བརྒྱ་དང་ཉེར་དྲུགམི་དམངས་ཁྲིམས་ཁང་གིས་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་རང་ཚུགས་སྒོར་འདྲི་གཅོད་དབང་ཆ་ལག་བསྟར་བྱེད་པར་སྲིད་འཛིན་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། མི་སྒེར་བཅས་ཀྱིས་ཐེགས་གཏོགས་མི་ཐེབས།
དོན་ཚན་བརྒྱ་དང་ཉེར་བདུན།ཆེས་མཐོ་བའི་མི་དམངས་ཁྲིམས་ཁང་ནི་ཆེས་མཐོ་བའི་འདྲི་གཅོད་ལས་ཁུངས་ཡིན།ཆེས་མཐོ་བའི་མི་དམངས་ཁྲིམས་ཁང་གིས་ས་གནས་རིམ་པ་སོ་སོའི་མི་   དམངས་ཁྲིམས་ཁང་དང་ཆེད་དམིགས་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ལས་དོན་ལ་ལྟ་སྐུལ་བྱེད་པདང༌།རིམ་པ་གོང་མའི་མི་དམངས་ཁྲིམས་ཁང་རིམ་པ་འོག་གི་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ལས་ཁུངས་ལ་ལྟ་སྐུལ་བྱས་པ།
དོན་ཚན་བརྒྱ་དང་ཉེར་བརྒྱད།ཆེས་མཐོ་བའི་མི་དམངས་ཁྲིམས་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་ཁུར་རྒྱུ།ས་གནས་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་དེ་བྱུང་བའི་རྒྱལ་ཁབ་དབང་ཆ་ལས་ཁུངས་ལ་འགན་ཁུར་དགོས།
དོན་ཚན་བརྒྱ་དང་ཉེར་དགུཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཞིབ་དཔྱོད་ཁང་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས་ཡིན།
དོན་ཚན་བརྒྱ་དང་སུམ་བཅུ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆེས་མཐོ་བའི་མི་དམངས་ཞིབ་དཔྱོད་ཁང་དང་ས་གནས་རིམ་པ་སོ་སོའི་མི་དམངས་ཞིབ་དཔྱོད་ཁང༌།དམག་དོན་ཞིབ་དཔྱོད་ཁང་སོགས་ཆེད་དམིགས་མི་དམངས་ཞིབ་དཔྱོད་ཁང་བཙུགས་པ༌།ཆེས་མཐོ་བའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་གྱི་སྐབས་རེའི་འགན་འཛིན་ཡུན་ཚད་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་འཛིན་ཁུར་ཡུན་དང་མཚུངས།ལས་འགན་བསྟུད་འཛིན་སྐབས་གཉིས་ལས་བརྒལ་མི་ཆོགམི་དམངས་ཞིབ་དཔྱོད་ཁང་གི་རྩ་འཛུགས་ནི་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས།
དོན་ཚན་བརྒྱ་དང་སོ་གཅིགམི་དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ཀྱིས་གཏན་ཁེལ་ལྟར་རང་ཚུགས་ཀྱི་ཞིབ་དཔྱོད་དབང་ཆ་ལག་བསྟར་བྱས་པར་སྲིད་འཛིན་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། མི་སྒེར་སོགས་ཀྱིས་ཐེ་གཏོགས་མི་ཐེབས།
དོན་ཚན་བརྒྱ་དང་སོ་གཉིས།ཆེས་མཐོ་བའི་མི་དམངས་ཞིབ་དཔྱོད་ཁང་ནི་ཆེས་མཐོ་བའི་ཞིབ་དཔྱོད་ལས་ཁུངས་ཡིན།ཆེས་མཐོ་བའི་མི་དམངས་ཞིབ་དཔྱོད་ཁང་གིས་ས་གནས་རིམ་པ་ཁག་གི་མི་དམངས་ཞིབ་དཔྱོད་ཁང་དང་ཆེད་དམིགས་མི་དམངས་ཞིབ་དཔྱོད་ཁང་གིས་ལས་དོན་ལ་འགོ་ཁྲིད་བྱས།རིམ་པ་གོང་གི་མི་དམངས་ཞིབ་དཔྱོད་ཁང་གིས་རིམ་པ་འོག་མའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་ལ་འགོ་ཁྲིད་བྱས།
དོན་ཚན་བརྒྱ་དང་སོ་གསུམ།ཆེས་མཐོ་བའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ལ་འགན་ཁུར་དགོས།ས་གནས་རིམ་པ་ཁག་གི་མི་དམངས་ཞིབ་དཔྱོད་ཁང་གིས་དེ་བྱུང་བའི་རྒྱལ་ཁབ་ཀྱི་དབང་ཆ་ལས་ཁུངས་དང་རིམ་པ་གོང་མའི་མི་དམངས་ཞིབ་དཔྱོད་ཁང་ལ་འགན་ཁུར་དགོས།
དོན་ཚན་བརྒྱ་དང་སོ་བཞི།མི་རིགས་ཚང་མས་རང་རིགས་ཀྱི་སྐད་དང་ཡིག་གེར་བརྟེན་ནས་གཏུག་བཤེར་བྱེད་པའི་དབང་ཆ་ཡོད།མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ས་དེ་གའི་མི་རིགས་ཀྱིས་སྤྱི་སྤྱོད་བྱེད་པའི་སྐད་དང་ཡིག་གེར་བྱང་ཆ་མེད་པའི་གཏུག་བཤེར་བཞུགས་མཁན་ཚོར་ལོ་ཙཱ་བ་མཁོ་འདོན་བྱེད་དགོས།
གྲང་ཉུང་མི་རིགས་འདུས་སྡོད་བྱེད་པའི་ས་ཆའམ་མི་རིགས་མང་པོ་ཐུན་མོང་དུ་སྡོད་པའི་ས་ཆ་ནས་མི་དམངས་ཁྲིམས་ཁང་གིས་དེ་གའི་མི་རིགས་ཀྱིས་སྤྱི་སྤྱོད་བྱེད་བཞིན་པའི་སྐད་དང་ཡིག་གེར་བརྟེན་ནས་ཞིབ་བཤེར་བྱེད་པ་དང་ཁྲིམས་ལུགས་ཀྱི་ཡིག་ཆ་འགྲེམ་དགོས།
དོན་ཚན་བརྒྱ་དང་སོ་ལྔ།མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང༌།སྤྱི་བདེ་ལས་ཁུངས་བཅས་ཀྱིས་ཉེས་དོན་གྱོད་གཞི་རྩད་ཆོད་བྱེད་དུས་ལས་བགོས་འགན་ལེན་དང༌།ཕན་ཚུན་རོགས་རམ།ཕན་ཚུན་ཚོད་འཛིན་བྱེད་ནས་བཅའ་ཁྲིམས་ཡང་དག་པ་དང་ནུས་ལྡན་གྱི་སྒོ་ནས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས།
ལེའུ་བཞི་པ། རྒྱལ་དར་དང༌། རྒྱལ་གླུ། རྒྱལ་རྟགས། རྒྱལ་ས།
དོན་ཚན་བརྒྱ་དང་སོ་དྲུག  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་ སྐར་ལྔའི་དར་དམར་ཡིན།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་ནི་བློས་བླངས་དམག་གི་མདུན་སྐྱོད་གླུ་གཞསཡིན།
དོན་ཚན་བརྒྱ་དང་སོ་བདུན།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་ནི་དཀྱིལ་ལ་སྐར་ལྔའི་འོད་ཟེར་འཕྲོ་བའི་འོག་གནམ་བདེ་སྒོ་མོ་ཆེ་ཡོད་པ་དང༌།མཐའ་འཁོར་དུ་འབྲུ་སྙེ་དང་འཁོར་ལོ་སོ་ཅན་ཡོད།
དོན་ཚན་བརྒྱ་དང་སོ་བརྒྱད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ནི་པེ་ཅན་ཡིན།






No comments:

Post a Comment

མཆན་འགོད་ཡུལ།